人民检察院是国家的法律监督机关,是保障国家法律统一正确实施的司法机关,是保护国家利益和社会公共利益的重要力量,是国家监督体系的重要组成部分,在推进全面依法治国、建设社会主义法治国家中发挥着重要作用。党的十八大以来,在以习近平同志为核心的党中央坚强领导下,各级检察机关认真贯彻党中央决策部署,依法忠实履行法律监督职责,为促进经济社会发展作出了积极贡献。进入新发展阶段,与人民群众在民主、法治、公平、正义、安全、环境等方面的新需求相比,法律执行和实施仍是亟需补齐的短板,检察机关法律监督职能作用发挥还不够充分。为进一步加强党对检察工作的绝对领导,确保检察机关依法履行宪法法律赋予的法律监督职责,现就加强新时代检察机关法律监督工作提出意见。
  མི་དམངས་ཞིབ་དཔྱོད་ཁང་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན་པ་དང་།    རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཁྲིམས་འཛིན་ལས་ཁུངས་ཡིན།    རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།    རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བཅས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞི་ཅིན་ཕིང་བློ་མཐུན་གྱིས་གཙོ་བོ་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་དང་།    ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་ལེན་ཟོལ་མེད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཡོད།     འཕེལ་རྒྱས་ཀྱི་དུས་རིམ་གསར་པར།    དམངས་གཙོ་དང་།    ཁྲིམས་ལུགས།    འདྲ་མཉམ།    དྲང་བདེན།    བདེ་འཇགས་ཀྱི་ཁོར་ཡུག་ནང་གི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པ་དང་བསྡུར་ན།    བཅའ་ཁྲིམས་ལག་བསྟར་དང་ལག་བསྟར་བྱ་རྒྱུ་ནི་སྔར་བཞིན་ཁ་གསབ་བྱ་དགོས་པའི་ཞན་ཆ་ཞིག་ཡིན།    ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་འདོན་སྤེལ་དེ་ཙམ་ཡག་པོ་བྱུང་མེད་པས། ཞིབ་དཔྱོད་ལས་དོན་ལ་ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྒྲུབ་པར་འགན་ལེན་ཏན་ཏིག་བྱེད་ཆེད།བསམ་འཆར་འདོན་པ་ཡིན།